ཁྲི་རལ་པ་ཅན།
༤༥༽ ས་ཁྱི་(ཕྱི་ལོ་༨༡༨)ལོའི་ལོ་གསར་སྐབས། ཡུམ་འབྲོ་བཟའ་ཁྲི་མ་ལེགས་ལ་སྲས་དར་མ་འུ་དུམ་བཙན་པོ་འཁྲུངས་པས། གཅེན་རལ་པ་ཅན་དང་གཙང་མ་གཉིས་རབ་ཏུ་དགྱེས་ཏེ་བཙས་སྟོན་བཤམས།
༤༦༽ དེ་ནས་བཙན་པོ་ཁྲི་གཙུག་ལྡེ་བཙན་ན་རེ། བྱབྱལྷ་ས་མཁར་དང་འདྲ། བསམ་ཡས་གྲོང་དང་འདྲ། ངའི་ལྷ་ཁང་རྣམ་དག་ཅིག་བྱེད་དོ། །བྱབྱཞེས་རྒྱ་དཀར་ནག་སོགས་ནས་ལག་རྩལ་མཁས་པ་མང་པོ་གདན་འདྲེན་ཞུས།
༤༧༽ ལྷག་པར་ལི་ཡུལ་གྱི་རྒྱལ་པོར་བཀའ་ཡིག་གནང་ནས། ལི་དཔྱོད་པའི་རྒྱལ་པོ་སོགས་རྡོ་བཟོ་མཁས་ཆེན་གསུམ་གདན་དྲངས་ཏེ། ཐུགས་དམ་གྱི་ལྷ་ཁང་བཞེངས་པའི་དབུ་བརྩམས།
༤༨༽ ལོ་དེར་ད་དུང་བློན་ཆེན་ཞང་ཞ་བཙན་དང༌། ཞང་ཙི། ཨན་མོ་བཅས་ཀྱིས་རྒྱ་ཤ་ཇོའི་ཡུལ་ལ་རྟ་དམག་འབོར་ཆེན་དྲངས་ཏེ་དབང་དུབསྡུས།
༤༩༽ ས་ཕག་(ཕྱི་ལོ་༨༡༩)ལོར་སླར་ཡང་བོད་དམག་ཆིག་འབུམ་ལྔ་ཁྲི་དྲངས་ཏེ། ཡན་ཀྲོའུ་གྲོང་ཁྱེར་གྱི་མཐའ་བསྐོར་ནས་རྡོ་སྒྱོགས་དྲག་ཆར་ལྟར་འཕངས་ཏེ་ལྕགས་རི་བཤིགས་ཏེ་ཟླ་གཅིག་ལྷག་འཐབ་མཐར་ཕམ་ཁ་ཆེན་པོ་བྱུང༌།